
Radio and PodcastLive Radio & Podcasts
༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རྒྱ་གར་དབུས་སུ་ཆགས་པའི་ Chattisgarh ཆ་ཏྟིས་གྷར་མངའ་སྡའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ B...
About This Episode
༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག is an episode from Voice of Tibet by Voice of Tibet. དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་...
This episode belongs to Voice of Tibet.
Use the player on this page to stream the episode online.
Published Apr 28, 2026, audio available.
Questions About This Episode
What is ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག about?
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།  རྒྱ་གར་དབུས་སུ་ཆགས་པའི་ Chattisgarh ཆ་ཏྟིས་གྷར་མངའ་སྡའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Bhupesh Baghel བྷུ་པེཤ་བ་གྷེལ་ལགས་དང་། ཝེད་ནམ་དྲྭ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་བ་དང་འབྲེལ།  རྒྱ་གར་ནང་ཉམས་ཟིན་པའི་ནང་པ་སངས་རྒྱས་པའི་བསྟན་པ་དེ་ང་ཚོས་བོད་ནས་ཕྱི་ལ་འཁྱེར་ཡོང་ཐུབ་པ་དེ་ཞེ་དྲག་གི་ཡག་པོ་བྱུང་ཡོད་པ་བཀའ་སྩལ་འདུག དེ་ཡང་མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད།   རྒྱ་གར་ཆ་ཏྟིས་གྷར་མངའ་སྡའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Bhupesh Baghel ལགས་ཀྱིས།  ༸གོང་ས་མཆོག་དེ་སྔ་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༣ ཚེས་ ༧ ཉིན་ཆ་ཏྟིས་གྷར་མངའ་སྡའི་ནང་མཛད་འཆར་ཁག་གཅིག་དང་འབྲེལ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།  སྐབས་དེ་དུས་༸གང་ཉིད་མཆོག་གིས་ཁུལ་དེར་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་སྒོམ་བསྐྱོན་གནང་སའི་ Shivpur གནས་ཆེན་དུའང་ཆིབས་སྒྱུར་མཛད་ཡོད་པ་ལྟར།  དེ་རིང་མཇལ་ཁའི་ཁྲོད་དེའི་སྐོར་༸གང་ཉིད་མཆོག་ལ་དྲན་སྐུལ་ཞུས་ཡིན་ཅེས་ཆ་ཏྟིས་གྷར་མངའ་སྡེ་དང་༸གོང་ས་མཆོག་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་དང་།  དེ་རིང་༸གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཅེས་བོད་དང་རྒྱ་གར་དབར་ཆོས་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་གསུངས་སོང་།  འདི་གའི་གསར་འགོད་པས་སྐུ་ཞབས་ཁོང་ལ་རྒྱ་ནག་གིས་༸སྐུའི་ཡང་སྲིད་ངོས་འཛིན་ཐད་ཐེ་ཇུས་བྱེད་བཞིན་པའི་ཐོག་དགོངས་ཚུལ་བཀའ་འདྲི་ཞུ་སྐབས་ཁོང་གིས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་གར་དེ་སྔའང་བཞེངས་ཡོད་ལ་མ་འོངས་པའང་དེ་ལྟར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་སོང་།  དེ་བཞིན་དེ་རིང་མཇལ་ཁ་ཞུ་མཁན་ཁོངས་སུ་ཝེད་ནམ་དྲྭ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་གཉེར་བ་སོགས་སྣེ་ཁྲིད་གནང་མཁན་དྷ་ས་མཚན་ཉིད་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས།  དེ་གའི་རིགས་ལམ་སློབ་གཉེར་ཁང་གིས་དེ་སྔོན་ཕྱི་ལོ་ ༢༠༢༤ ནས་འགོ་འཛུགས་ཀྱིས་ཝེད་ནམ་ནང་གནས་བཞུགས་དད་ལྡན་མི་མང་ ༢༠༠ ཙམ་ལ་དྲྭ་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་བསྡུས་གྲྭ་ཆ་ཚང་དང་བློ་རིག་རྟེན་འབྲེལ་གྱི་རྣམ་བཞག་བཅས་སློབ་ཁྲིད་གནང་ཡོད་པ་ལྟར།  དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུ་སྟེ་དེའི་སྐོར་སྙན་སེང་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཏེ།  ༸གང་ཉིད་མཆོག་ནས་ཀྱང་དེ་གའི་རིགས་ལམ་སློབ་གཉེར་ཁང་གིས་ཝེད་ནམ་དད་ལྡན་པ་ཚོར་ནང་ཆོས་སློབ་ཁྲིད་གནང་བར་བསྔགས་བརྗོད་སྩལ་སོང་བ་དང་།  དེ་སྔ་རྒྱ་གར་སྐད་ནང་ཡོད་པའི་ནང་པ་སངས་རྒྱས་པའི་བསྟན་པ་ཆ་ཚང་བོད་བསྒྱུར་གྱིས་འཛིན་སྐྱོང་སྤེལ་གསུམ་གནང་ཡོད་པ་དེ་བཞིན་ཝེད་ནམ་ནས་ཀྱང་དེ་ལྟར་གནང་ཐུབ་ན་དཔེ་ཡག་པོ་ཡིན་པ་བཀའ་སྩལ་སོང་ཅེས་གསུངས་སོང་།  མ་ཟད་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ད་དུང་།  ཐེངས་འདིའི་ཝེད་ནམ་སློབ་གཉེར་བ་ཁོངས་སུ་རྒྱབ་ལྗོངས་མི་འདྲ་བའི་སེར་སྐྱ་ཕོ་མོ་གཉིས་ཀ་ཡོད་པ་དང་།  དེ་རིང་དངོས་སུ་མཇལ་བཅར་ཞུས་མཁན་མི་གྲངས་ ༦༠ ཙམ་ཡོད་པ་མ་ཟད།  གནངས་ཕྱི་ཚེས་ ༣༠ ཉིན་སློབ་གཉེར་བ་རྣམས་ནས་ས་རཱ་མཐོ་སློབ་ཏུ་མཛད་སྒོ་ཞིག་དང་བསྟུན་དེ་འབྲེལ་ཕྱག་འཁྱེར་བཞེས་རྒྱུ་ཡིན་པ་གསུངས་སོང་།    རྩ་བའི་དེ་རིང་༸གོང་ས་མཆོག་གི་མཇལ་བཅར་ཞུས་མཁན་བོད་མི་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་དང་རྒྱ་གར་ཕྱི་རྒྱལ་མི་སྣ་སོགས་དད་ལྡན་ ༣༤༠ ཙམ་ཡོད་པ་དང་།  […] The post ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག appeared first on vot .
Where can I listen to ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག?
You can listen to ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག online on Radio and Podcast. Open the player on this page to stream the available audio.
Which podcast is ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག from?
༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག is an episode from Voice of Tibet by Voice of Tibet.
How long is this episode?
The episode duration depends on the source podcast feed and may not always be available.
When was this episode published?
This episode was published on Apr 28, 2026.
Can I save ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག for later?
Yes. Use the heart button on the episode page to add it to your favorite episodes list.
Are there related episodes from Voice of Tibet?
Yes. This page shows related episodes from Voice of Tibet when more episodes are available from the podcast feed.
Quick Answers About This Episode
Where can I listen to ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག?
You can listen to ༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག on this page when the episode audio is available from the podcast feed.
Which podcast is this episode from?
༸གོང་ས་མཆོག་གིས་རྒྱ་གར་ཆཏྟིས་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཝེད་ནམ་ནང་ཆོས་སློབ་གཉེར་བ་སོགས་ལ་མཇལ་ཁ་སྩལ་འདུག is from Voice of Tibet by Voice of Tibet.
What are the episode details?
Published Apr 28, 2026