
Radio and PodcastLive Radio & Podcasts
དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག
ཁ་སང་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་འབྲས་སྤུང་སྒོ་མང་གྲྭ་ཚང་གིས་སྤྱི་མོས་གྲོས་ཆོད་འོག དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་གྲྭ་ཚང་དེ་ཉིད་ཀྱི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་མ་ཟད། སླད་ཕྱིན་འབྲས་སྤུངས་བཀྲ་ཤིས་སྒོ་མ...
About This Episode
དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག is an episode from Voice of Tibet by Voice of Tibet. ཁ་སང་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་འབྲས་སྤུང་སྒོ་མང་གྲྭ་ཚང་གིས་སྤྱི་མོས་གྲོས་ཆོད་འོག དགེ་...
This episode belongs to Voice of Tibet.
Audio availability depends on the podcast feed.
Published May 11, 2026.
Questions About This Episode
What is དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག about?
ཁ་སང་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་འབྲས་སྤུང་སྒོ་མང་གྲྭ་ཚང་གིས་སྤྱི་མོས་གྲོས་ཆོད་འོག དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་གྲྭ་ཚང་དེ་ཉིད་ཀྱི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་མ་ཟད། སླད་ཕྱིན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་འོག་ཡོད་པ་སུའང་སྲིད་སྤྱིའི་འོས་འགྲན་ནང་བཞུགས་མི་ཆོག་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག དེའང་ཁ་སང་ཕྱི་དྲོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འདུ་ཁང་ཡང་སྟེང་གི་ཚོམས་ཆེན་དུ།  མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དབུ་ཆོས་རྣམ་གཉིས་དང༌། མ་འོངས་འཛིན་སྐྱོང༌། ཕྱག་དྲུང་ལྷན་རྒྱས། ཁང་ཚན་བཅུ་དྲུག་གི་འཐུས་མི་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་བསྡུར་གྱིས་གྲོས་ཆོད་ཁག་གསུམ་གཏན་འབེབས་གནང་བའི་ནང་གསལ་དོན་ཚན་དང་པོའི་ནང་། གྲྭ་ཚང་དེ་ཉིད་ཀྱི་ཁོངས་སུ་ཡོད་པའི་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༩ ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་༼བླ་སྤྱི་༽ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་དགོངས་དོན་ལྟར།  མཆོག་གསུམ་དཔང་བཙུགས་ཀྱིས་མནའ་སྐྱེལ་དམ་བཅའ་བཞག་པ་རང་ཉིད་ཀྱིས་དངོས་སུ་རྩིས་མེད་རྡོག་རོལ་བཏང་སྟེ། ཁྱིམ་པ་སུན་འབྱིན་གྱིས་རྒྱལ་བསྟན་ལ་གནོད་པའི་ལས་བྱས་པར་བརྟེན། སངས་རྒྱས་ཀྱི་བཅས་པ་དང་དགེ་འདུན་གྱི་ནང་ཁྲིམས་དང་མཐུན་པའི་སྒོ་ནས་ཁོང་གྲྭ་ཚང་དེའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་རྒྱུ་སྤྱི་མོས་ཀྱིས་ཐག་གཅོད་གནང་འདུག རྩ་བའི་སྔ་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་འབྲས་སྤུངས་བླ་སྤྱི་རུ་འབྲས་སྤུངས་ཁྲི་པར་གསེར་ཁྲིར་མངའ་གསོལ་མཛད་རྗེས།  ཚེས་ ༢༧ ཉིན་གཞུང་རྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྤྱན་འདྲེན་སྐབས། དཔལ་ལྡན་འབྲས་དཀར་སྤུངས་པའི་མཁན་བླ་འདུས་སྡེ་སྤྱི་ནས་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་ཕྱིར་བརྟན་བཞུགས་ཟབ་མོ་ལེགས་པར་བགྱིས་པ་འདི་ནི་ཤིན་ཏུ་ལེགས་ལ།  འོན་ཀྱང་ཕྱི་ཡི་རིམ་གྲོ་བསྒྲུབས་དང་སྒྲུབ་བཞིན་ནའང་ནང་དུ་དམ་ཚིག་མི་གཙང་བའི་འགལ་རྐྱེན་ཡོད་ཙ་ན། རང་ཅག་རི་བོ་དགེ་ལུགས་པའི་མགྲིན་ཚབ་མིང་ཅན་རེ་པ་གཉིས་ནས་འབྱུང་པོས་རྒྱུད་བསྐུལ་ཏེ་ངག་བློ་ཐལ་ཏེ་གང་བྱུང་བྱ་ངན་དང༌། ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ལ་མཚན་སྨད་ཞུ་བ་དང༌། ཁ་བའི་ལྗོངས་ཀྱི་སྤྱི་དོན་བོར་ཏེ་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བགྱིས་པ་འདི་ནི་སྐྱེ་བོ་ཀུན་གྱི་མིག་གིས་མཐོང་བ་དེ་ཡིན་ལ། དེས་མཚོན་པས་དགྲ་བཅོམ་འཕགས་པའི་དགེ་འདུན་རྣམས་ལ་ཡང་མཚན་སྨད་ཞུ་བའི་དུས་ལ་བབས་པས་ན་འགན་འཁུར་བ་རྣམ་པས་མཚམས་འཇོག་ལེགས་པར་བགྱིད་ན་ལེགས་སོ་ཞེས་རྡོ་རྗེའི་བཀའ་ལུང་ཕེབས་ཡོད་སྟབས། འབྲས་སྤུངས་བླ་སྤྱི་ནས་ཕྱི་ཟླ་ ༡ ཚེས་ ༩ ཉིན་སྤྱི་འཐུས་རྣམ་པ་གཉིས་ལ་འབྲས་སྤུངས་ལྷ་མོ་ཁང་དུ། གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་སྩལ་བའི་དགོངས་དོན་ལྟར་ཉེས་པ་ལ་ཉེས་བར་མཐོང་སྟེ། སྔར་བྱས་ལ་འགྱོད་བཤགས་དང༌། ཕྱིན་ཆད་མི་བྱེད་པའི་ཁས་ལེན་དམ་བཅའ་གཙང་མ་འཇོག་དགོས་པའི་སྐུལ་འདེད་གནང་བ་བཞིན། ཕྱི་ཟླ་ ༡ པོའི་ཚེས་ ༢༠ ཉིན་ཁོང་གཉིས་ནས་བཤགས་སྡོམ་ཁས་ལེན་དམ་བཅའ་ཕུལ་བ་མ་ཟད། རྣམ་པ་གཉིས་རང་ངོས་ནས་བསྣམས་ཕེབས་པའི་དམ་བཅའི་ཡི་གེ་བཞིན་ཁས་ལེན་བྱས་པའི་ནང་། མཆོག་གསུམ་དཔང་དུ་བཙུགས་ཏེ། དུས་ད་ལྟ་བར་དུ་དྲིན་ཅན་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཚིག་གཅིག་ཀྱང་ཞུ་མ་མྱོང་ལ། མ་འོངས་པར་ཡང་འཆི་བ་སྲོག་ལ་ཐུག་ཀྱང་མཚན་སྨད་མི་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དེ་ལྟར་ཡང་སྒོ་མང་གྲྭ་ཚང་གིས་ཁ་སང་སྤེལ་བའི་གསལ་བསྒྲགས་ནང་གསལ་ལྟར་ན། དོ་དག་སྤྱི་འཐུས་ནས་ཉེ་ལམ་ཕྱི་ཟླ་ ༣ […] The post དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག appeared first on vot .
Where can I listen to དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག?
You can listen to དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག online on Radio and Podcast. Open the player on this page to stream the available audio.
Which podcast is དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག from?
དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག is an episode from Voice of Tibet by Voice of Tibet.
How long is this episode?
The episode duration depends on the source podcast feed and may not always be available.
When was this episode published?
This episode was published on May 11, 2026.
Can I save དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག for later?
Yes. Use the heart button on the episode page to add it to your favorite episodes list.
Are there related episodes from Voice of Tibet?
Yes. This page shows related episodes from Voice of Tibet when more episodes are available from the podcast feed.
Quick Answers About This Episode
Where can I listen to དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག?
You can listen to དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག on this page when the episode audio is available from the podcast feed.
Which podcast is this episode from?
དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་སྒོ་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་འདུག is from Voice of Tibet by Voice of Tibet.
What are the episode details?
Published May 11, 2026