
Radio and PodcastLive Radio & PodcastsFetching episode details...
Radio and PodcastLive Radio & PodcastsFetching episode details...
Radio and PodcastLive Radio & Podcasts
ཉེ་ཆར་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག བོད་ནང་བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་དང་། རྒྱ་གཞུང་གིས་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ལ་ཐེ་བྱུས་གཙོ་བོར་འགྱུར་བའི་བོད་མིའི་ཆོས་ཕྱོགས་ཀྱི་རིག་གཞུང་སྤྱི་ལ་ཐེ...
ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་རྒྱ་གཞུང་གིས་ཡང་སྲིད་ཕེབས་ཕྱོགས་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ། is an episode from Voice of Tibet by Voice of Tibet. ཉེ་ཆར་ཡུ་རོབ་ནང་པའི་མཐུན་ཚོག...
This episode belongs to Voice of Tibet.
Use the player on this page to stream the episode online.
Published May 14, 2026, audio available.
ཉེ་ཆར་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག བོད་ནང་བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་དང་། རྒྱ་གཞུང་གིས་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ལ་ཐེ་བྱུས་གཙོ་བོར་འགྱུར་བའི་བོད་མིའི་ཆོས་ཕྱོགས་ཀྱི་རིག་གཞུང་སྤྱི་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་འདུག དེ་ཡང་ཉེ་ཆར་ཚེས་ ༨།༩ ཉིན་ཡུ་རོབ་རྒྱལ་ཁབ་ Belgium གྱི་རྒྱལ་ས་ Brussels ནང་གི་ Saint-Gilles ཚོགས་ཁང་ནང་དུ་ཡུ་རོབ་ཏུ་ནང་པའི་ཆོས་དད་རང་དབང་ལ་གུས་བརྩི་ཞེས་པའི་བརྗོད་གཞིའི་ཐོག་ནས་ European Buddhist Union འམ་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དེ་འཚོགས་འདུག་པ་དང་། དེའི་ཐོག་ Brussels བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་མཉམ་ཞུགས་གནང་སྟེ། བོད་ནང་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་དང་སྒོས་སུ་རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱས་ཏེ་བོད་མིའི་ཆོས་དད་རང་དབང་དབང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་བཅས་ཀྱི་སྐོར་ལ་སྙན་སེང་ཞུས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་བོད་པའི་ཆོས་ཕྱོགས་ཀྱི་རིག་གཞུང་ལ་ཐེ་བྱུས་དང་སྟངས་འཛིན་བྱ་ཐབས་བྱེད་བཞིན་པར་གདོང་ལེན་གྱིས་བོད་མིའི་ལྷན་དུ་བཞེངས་དགོས་པ་གསུངས་འདུག སྐུ་ཚབ་དོན་གཅོད་ཀྱིས་ད་དུང་རྒྱ་ནག་གཞུང་གིས་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་སྒྲིག་སོགས་ཀྱི་བརྒྱུད་ནས་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ཐད་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་སྐོར་དང་འབྲེལ། ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུ་དེ་ནི་ཆབ་སྲིད་ཀྱི་ཐེ་བྱུས་དང་གནོན་ཤུགས་རིགས་མེད་པའི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་ནན་བརྗོད་གནང་ཡོད་འདུག རྩ་བའི་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Stefano Bettera ལགས་དང་། ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་སྦེལ་ཇམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Carlo Luyckx ལགས་རྣམ་གཉིས་ཀྱིས་མགྲོན་འབོད་ཐོག་ཚོགས་འདུ་དེའི་ནང་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་ Saint Gilles གྲོང་སྡེ་སྤྱི་ཁྱབ་པ་ Jean Spinette ལགས་དང་། ཡུ་རོབ་གྲོས་ཚོགས་ཀྱི་དོན་ཚན་ ༡༧ པའི་འབྲེལ་མཐུད་པ་ Nicola Censini ལགས་གཉིས་དངོས་སུ་ཕེབས་པ་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་ Antonella Sberna ལགས་ཀྱིས་བརྙན་འཕྲིན་བརྒྱུད་ནས་མཉམ་ཞུགས་ཀྱིས་ཆོས་དད་རང་དབང་གི་ཐོབ་ཐང་ཐོག་གཏམ་བཤད་དང་གྲོས་མོལ་གནང་ཡོད་འདུག སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་ Antonella Sberna ལགས་ཀྱིས་དྲྭ་ཐོག་གཏམ་བཤད་སྤེལ་བའི་ཁྲོད། ཡུ་རོབ་ནང་པའི་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་འཚམས་འདྲི་དང་སྦྲགས། […] The post ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་རྒྱ་གཞུང་གིས་ཡང་སྲིད་ཕེབས་ཕྱོགས་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ། appeared first on vot .
You can listen to ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་རྒྱ་གཞུང་གིས་ཡང་སྲིད་ཕེབས་ཕྱོགས་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ། online on Radio and Podcast. Open the player on this page to stream the available audio.
ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་རྒྱ་གཞུང་གིས་ཡང་སྲིད་ཕེབས་ཕྱོགས་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ། is an episode from Voice of Tibet by Voice of Tibet.
The episode duration depends on the source podcast feed and may not always be available.
This episode was published on May 14, 2026.
Yes. Use the heart button on the episode page to add it to your favorite episodes list.
Yes. This page shows related episodes from Voice of Tibet when more episodes are available from the podcast feed.
You can listen to ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་རྒྱ་གཞུང་གིས་ཡང་སྲིད་ཕེབས་ཕྱོགས་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ། on this page when the episode audio is available from the podcast feed.
ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་རྒྱ་གཞུང་གིས་ཡང་སྲིད་ཕེབས་ཕྱོགས་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ། is from Voice of Tibet by Voice of Tibet.
Published May 14, 2026