
Radio and PodcastLive Radio & Podcasts
བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི།
དེ་རིང་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡི་མཚོན་དོན་བྱས་ནས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཡིག་གཟུགས་ཉིན་མོ་དུས་ཆེན་འདི་ཉིད་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་རྒྱ་ཆེ་ཞུ་བཞིན་པ་དང་། དེའི་ཁྲོད་དེ་རིང་ཞོ...
About This Episode
བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། is an episode from Voice of Tibet by Voice of Tibet. དེ་རིང་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡི་མཚོན་དོ...
This episode belongs to Voice of Tibet.
Use the player on this page to stream the episode online.
Published Apr 30, 2026, audio available.
Questions About This Episode
What is བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། about?
དེ་རིང་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་ནི་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡི་མཚོན་དོན་བྱས་ནས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་ཡིག་གཟུགས་ཉིན་མོ་དུས་ཆེན་འདི་ཉིད་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་རྒྱ་ཆེ་ཞུ་བཞིན་པ་དང་། དེའི་ཁྲོད་དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ པ་ཡོལ་ཙམ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུ་བཞུགས་ཐོག ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་ཁང་དེ་ཉིད་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་ཟུང་འབྲེལ་ཐོག་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་དང་གཏམ་བཤད་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་སོང་། དེ་ཡང་འགྲེམས་སྟོན་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་མི་སྣ་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་བའི་ཐོག ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་བཞི་བའི་ཚེས་ ༡༦ ཉིན་བོད་ནང་དུ་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་པའི་ཐོག མདོ་དབུས་ཁམས་གསུམ་གྱི་ཆོས་ལུགས་རིས་མེད། སྐྱ་སེར་གཉིས་མེད་ཀྱི་ཡིག་མཁན་དང་། དགེ་སློབ་བརྒྱ་དང་སུམ་ཅུ་ལྷག་མཉམ་འཛོམས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོ་སྤྱི་ཟླ་ ༤ ཚེས་ ༣༠ ལ་གཏན་འབེབས་གནང་ཡོད་པ་ལྟར། ད་རེས་ཕྱི་དྲིལ་འགྲེམས་སྟོན་ཁང་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་ཟུང་འབྲེལ་ཐོག་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་དང་རྣམ་གྲངས། ཁྱད་ཆོས། དེ་བཞིན་སྔོན་བྱོན་དམ་པ་རྣམས་ཀྱི་ཕྱག་རྒྱུན་བཟང་པོ་བཤམས་སྟོན་ཐོག དེའི་བརྒྱུད་ནས་སྲོལ་རྒྱུན་གྱི་ཡིག་གཟུགས་རིག་གནས་འདི་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་དུ་སྤེལ་བར་ཤུགས་འདོན་རྒྱག་རྒྱུར་དམིགས་ཡོད་པ་གསུངས་སོང་། མ་ཟད། འདས་པའི་ལོའི་ནང་རྒྱ་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་བརྒྱུད་བོད་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པར་རྩ་མེད་བཟོ་བཞིན་ཡོད་པ་དང་། བྱེ་བྲག་ཏུ་ཉེ་ལམ་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གཏན་འབེབས་བྱས་པ་འདིས་བོད་མི་དང་མི་རིགས་གཞན་གྱི་ངོ་བོ་སྔར་ལྷག་རྩ་བརླག་ཏུ་གཏོང་ངེས་ཡིན་པས། བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་བྱ་རྒྱུ་དེ་བོད་མི་ཚང་མའི་གཡོལ་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཡིན་སྟབས། བོད་ཀྱི་ཡིག་གཟུགས་ལ་དོ་སྣང་དང་སྦྱང་བརྩོན་རྒྱུན་འཛིན་ཐོག་ལ་ནུས་པ་མཉམ་སྤུངས་གནང་དགོས་གལ་ཆེ་བ་ཡིན་སྐོར་གསུངས་སོང་། དེ་བཞིན་འདི་གའི་གསར་འགོད་པས་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་རིག་གནས་ཆེ་ཆུང་ཚན་པའི་འགན་འཛིན་གྲྭ་ཀརྨ་དབང་གྲགས་ལགས་སུ་ཐེངས་འདིའི་འགྲེམས་སྟོན་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་དང་། ལྷག་པར་ཏའི་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཉིས་པ་མཆོག་རྣམ་གཉིས་ཀྱི་བཀའ་དགོངས་འོག བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་གིས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་དང་འབྲེལ་བའི་ལས་འགུལ་སྣ་མང་བརྩམས་ཡོད་པའི་ཁོངས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་གྱི་ཐོག་ལ་ནུས་པ་རྒྱ་ཆེན་པོ་ཞིག་འདོན་ཡོད་པ་དང་ཆབས་ཅིག ལྷག་པར་སྔ་ལོར་༸སྐུའི་གོ་སྟོན་དང་བསྟུན་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་འགྲེམས་སྟོན་གནང་ཡོད་པ་མ་ཟད། དེ་རིང་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་བསྟུན་འདི་ལྟ་བུའི་བོད་ཡིག་གི་བྲིས་གཟུགས་བཤམས་སྟོན་གནང་ཐུབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་སོང་། མ་ཟད། ཐེངས་འདིའི་འགྲེམས་སྟོན་གྱི་དམིགས་བཀར་དོ་སྣང་བྱེད་ས་གཙོ་བོ་ཞིག་ནི། ལོ་ངོ་ ༣༢༠ ཡར་སྔོན་ནས་ཡིག་གཟུགས་ཀུན་གྱི་ལེགས་ཆ་བཏུས་ཏེ་བསྡེབས་པས་སྡེབ་བྲིས་དེ་ཉིད་ཆགས་ཀྱི་ཡོད་པ་དང་། དེའང་སྡེ་དགེའི་ས་སྐྱོང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་བཞེངས་ནས། ༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་ཐོག་མར་བཞེངས་པའི་ལེགས་བྱས་ཆེན་པོ་འདིའི་བསོད་ནམས་ཀྱི་མཐུ་ལས་ཆོལ་གསུམ་གྱི་ཡིག་མཁན་ཀུན་གྱི་ཡང་རྩེ་བཞི་བཅུ་ལྷག་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་དུ་བསྡུས་ཏེ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཟུང་གིས་སྔོན་གྱི་ཚད་ལྡན་ཡིག་དཔེ་དང་ཐིག་བཤད་སོགས་ལ་ཞིབ་གཟིགས་གནང་རྗེས་སྡེ་བྲིས་ཞེས་པའི་བྲིས་རྒྱུན་ངོ་མཚར་ཅན་འདི་སྲོལ་གཏོད་ཡོད་པ་ལུང་འདྲེན་དང་འབྲེལ། ཡིག་གཟུགས་འགྲེམས་སྟོན་དེའི་བརྒྱུད་ནས་བོད་མི་རྣམས་ནས་རང་སྐད་ཡིག་གི་ལོ་རྒྱུས་གཏིང་ཟབ་ཡོད་པར་གདེང་སྤོབས་བྱེད་དགོས་པ་དང་ཆབས་ཅིག བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་། གཞི་རྩའི་དེ་རིང་བོད་ནང་གི་དགོན་སྡེ་ཁག་དང་སློབ་གྲྭ སྒེར་གྱི་ཚོགས་པ་ཁག་དང་། དེ་བཞིན་མི་སྒེར་པ་བཅས་ཀྱིས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་བརྙན་པར་ཁག་གཅིག་སྤྱི་ཚོགས་དྲྭ་ལམ་ཐོག་མངོན་རྒྱུ་ཡོད་པ་དང་། ལྷག་པར་བོད་ཁྱིམ་དང་གཏན་སློབ་ཁག་གི་ནང་དུའང་བོད་ཀྱི་ཡིག་གཟུགས་རིག་གནས་ལ་དོ་སྣང་དང་ཡིག་གཟུགས་འབྲི་སྦྱོང་གི་རིག་གནས་འདི་ཉིད་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཐོག ཡིག་གཟུགས་འགྲན་སྡུར་དང་འགྲེམས་སྟོན་སོགས་བྱས་ནས་བོད་ཀྱི་ཡིག་གཟུགས་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་འདུག The post བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། appeared first on vot .
Where can I listen to བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི།?
You can listen to བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། online on Radio and Podcast. Open the player on this page to stream the available audio.
Which podcast is བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། from?
བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། is an episode from Voice of Tibet by Voice of Tibet.
How long is this episode?
The episode duration depends on the source podcast feed and may not always be available.
When was this episode published?
This episode was published on Apr 30, 2026.
Can I save བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། for later?
Yes. Use the heart button on the episode page to add it to your favorite episodes list.
Are there related episodes from Voice of Tibet?
Yes. This page shows related episodes from Voice of Tibet when more episodes are available from the podcast feed.
Quick Answers About This Episode
Where can I listen to བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི།?
You can listen to བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། on this page when the episode audio is available from the podcast feed.
Which podcast is this episode from?
བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཀྱི་འབྲི་རྩལ་སྐོར་དམིགས་བསལ་འགྲེམས་སྟོན་བརྒྱུད་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི། is from Voice of Tibet by Voice of Tibet.
What are the episode details?
Published Apr 30, 2026